I coped this from my Dad's Facebook. I post this here because I know this is something very important to my Dad. I ask him what this poem is all about. He took long breath and said to me. This poem is to your grandmother, my mother. I kind scared to ask another question to my Dad because I saw a tear in his eyes. My father escaped from Tibet 24 years ago with no money and no document walked 38 days crossed Himalayan Mountains came to exile. He went through so much just try to get some education in exile but he was denied by exile government. However, father worked so hard, learnt a lot of things without help from exile government. If you know how to read Tibetan then you will know how much my father miss his mother and Tibet.
(ཨ་མ་དྲན་པའི་གདུང་དབྱངས)
ཕ་ཡུལ་གངས་ལྗོངས་ན་བཞུགས་པའི།
ཚེ་ལོ་བརྒྱད་བཅུ་ལ་ཕེབས་པའི།
བཀའ་དྲིན་ཟླ་མེད་ཀྱི་མ་ལོ།
གློ་བུར་སེམས་ན་རེ་དྲན་དུས།
མིག་མཐར་ཆུ་ཞག་རེ་འཁོར་བྱུང་།
ཚེ་ལོ་བརྒྱད་བཅུ་ལ་ཕེབས་པའི།
བཀའ་དྲིན་ཟླ་མེད་ཀྱི་མ་ལོ།
གློ་བུར་སེམས་ན་རེ་དྲན་དུས།
མིག་མཐར་ཆུ་ཞག་རེ་འཁོར་བྱུང་།
ཨ་མ་ཡ།་མ་ལོ་ལགས།
ང་ཡི་དྲན་ཆེན་གྱི་མ་ལོ།
ནད་མེད་ཚེ་རིང་ངང་བཞུགས་དང་།
ལས་དང་སྨོན་ལམ་རེ་ལྡན་ན།
མ་བུ་ལྷན་འཛོམས་ཞིག་ལོས་ཡོང་།
ང་ཡི་དྲན་ཆེན་གྱི་མ་ལོ།
ནད་མེད་ཚེ་རིང་ངང་བཞུགས་དང་།
ལས་དང་སྨོན་ལམ་རེ་ལྡན་ན།
མ་བུ་ལྷན་འཛོམས་ཞིག་ལོས་ཡོང་།
ཚེ་སྔོན་བསོད་ནམས་རེ་དམན་པས།
མི་ཡུལ་ས་མཐར་རུ་འཁྱམས་ཏེ།
བགྲང་བྱ་ཉེར་བཞི་ལ་འཁོར་མཚམས།
གློ་བུར་མ་ལོ་ཁྱེད་དྲན་དུས།
ཡིད་སེམས་སྡུག་གི་རེ་གང་ཐ་།
མི་ཡུལ་ས་མཐར་རུ་འཁྱམས་ཏེ།
བགྲང་བྱ་ཉེར་བཞི་ལ་འཁོར་མཚམས།
གློ་བུར་མ་ལོ་ཁྱེད་དྲན་དུས།
ཡིད་སེམས་སྡུག་གི་རེ་གང་ཐ་།
ཨ་མ་ཡ།་མ་ལོ་ལགས།
ང་ཡི་དྲན་ཆེན་གྱི་མ་ལོ།
མཆོག་གསུམ་ལ་སྨོན་ལམ་རེ་ཐོབས་དང་།
ལས་དང་སྨོན་ལམ་རེ་ལྡན་ན།
མ་བུ་ལྷན་འཛོམས་ཞིག་ལོས་ཡོང་།
ང་ཡི་དྲན་ཆེན་གྱི་མ་ལོ།
མཆོག་གསུམ་ལ་སྨོན་ལམ་རེ་ཐོབས་དང་།
ལས་དང་སྨོན་ལམ་རེ་ལྡན་ན།
མ་བུ་ལྷན་འཛོམས་ཞིག་ལོས་ཡོང་།
རང་དོན་ཁ་ལ་རུ་འཁུར་ནས།
སྤྱི་྄དོན་མཐུན་ལམ་གྱི་ཨ་ལོང་།
ཕངས་མེད་ཆུ་ལ་རེ་བསྐུར་དུས།
དྲན་ཆེན་ཨ་མ་ཁྱེད་མ་གཏོགས།
སེམས་གཏམ་བཤད་ས་རེ་མི་འདུག།
སྤྱི་྄དོན་མཐུན་ལམ་གྱི་ཨ་ལོང་།
ཕངས་མེད་ཆུ་ལ་རེ་བསྐུར་དུས།
དྲན་ཆེན་ཨ་མ་ཁྱེད་མ་གཏོགས།
སེམས་གཏམ་བཤད་ས་རེ་མི་འདུག།
ཨ་མ་ཡ།་མ་ལོ་ལགས།
ང་ཡི་དྲན་ཆེན་གྱི་མ་ལོ།
ཐུགས་སེམས་སྐྱོ་སྐྱོ་རེ་མ་གནང་།
ལས་དང་སྨོན་ལམ་རེ་ལྡན་ན།
གངས་ལྗོངས་ཉི་མ་རེ་ལོས་ཤར་།
ང་ཡི་དྲན་ཆེན་གྱི་མ་ལོ།
ཐུགས་སེམས་སྐྱོ་སྐྱོ་རེ་མ་གནང་།
ལས་དང་སྨོན་ལམ་རེ་ལྡན་ན།
གངས་ལྗོངས་ཉི་མ་རེ་ལོས་ཤར་།
ཅོ་ནེ་ཚུལ་ཁྲིམས་ཀྱིས་ཨ་མར་ཁ་པར་བཏང་རྗེས་བྲིས།
༣།༢༠།༡༥
༣།༢༠།༡༥
No comments:
Post a Comment